ལོ་མ་མེད་པའི་སྡོང་བོ།
ལོ་མ་མེད་པའི་སྡོང་བོ་དེ
ལོ་མ་དང་བྲལ་ཏེ་མི་ལོ་སྟོང་ཕྲག་འདས
ལོ་མང་པོ་མང་པོ་ཞིག་གི་སྔ་རོལ་ཏུ
ལོ་དེ་མིང་ལ་ཨུ་དུམ་བཙན་ཟེར་
ལོ་མ་མེད་པའི་སྡོང་བོ་དེ་གམ་དུ་བསྒྲེངས་ནས
ལོ་མང་པོ་འདས་རྗེས་ཀྱི་དེ་རིང་ལ་བསམ་གཞིག་བཏང་
ལོ་མང་པོ་ཞིག་འདས་རྗེས་ཀྱི་དེ་རིང་གི་མི་རྣམས་ཀྱིས
ལོ་མ་མེད་པའི་སྡོང་བོ་དེ་རྫོགས་ཐབས་བྱེད
ལོ་མང་པོ་ཞིག་གི་སྔ་རོལ་ཏུ
ལོ་མང་པོར་འཐོར་བའི་མི་སེམས་གཅིག་ཏུ་སྒྲིལ
ལོ་མ་མེད་པའི་སྡོང་བོ་དེ་ཡང་
ལོ་མ་མེད་མི་སྲིད་པའི
ལོ་མས་ཁེབས་པའི་སྡོང་བོ་ཞིག་ཡིན
ལོ་དེར
ལོ་མ་མེད་པའི་སྡོང་བོ་དེའི་གམ་དུ་དགའ་སྟོན་ལ་རོལ
ལོ་དེ་མིང་ལ་སྲོང་བཙན་སྒམ་པོ་ཟེར
ལོ་རེ་རེ་ནས་
ལོ་མ་མེད་པའི་སྡོང་བོ་དེ་ཡང་
ལོ་མང་པོ་སྔ་རོལ་གྱི་ཨུ་དུམ་བཙན་དང་འདྲ་བར
ལོ་མ་དང་འགྲོགས་ནས
ལོ་རྒྱུས་སུ་འཐིམས
ལོ་མ་མེད་པའི་སྡོང་བོ་དེར་ད་ལྟ
ལོ་མ་མེད་པའི་གདུང་བ་ཡོད་སྲིད་དམ།
༣༠༡༣ལོའི་ཟླ་དང་པོའི་ནང་བརྩམས། ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་བཅོས།
没有评论:
发表评论